ཞི་བའི་དམ་བཅའ།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་སྐུ་ཚེ་དང་ཕུགས་རྒྱང་རིང་བའི་ལམ་སྟོན་སྙིང་ཁོངས་སུ་བཅང་ནས། ང་ཚོས་བོད་ཀྱི་ད་ལྟ་དང་མ་འོངས་པའི་ཆེད། སོ་སོའི་བྱེད་སྒོའི་ཁོངས་སུ་འཚེ་མེད་ཞི་བའི་ཐབས་ལམ་གཅེས་པར་ཉར་རྒྱུའི་ཆོད་སེམས་དང་། སྒོ་ཀུན་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཞི་བའི་འཐབ་རྩོད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་ནུས་ཤུགས་ཐོན་པའི་ལག་ལེན་བྱས་ཏེ། བོད་ནང་རྒྱ་ནག་གི་དབང་བསྒྱུར་ལ་གདོང་ལེན་དང་། བོད་མི་རྣམས་ཞི་བདེའི་ངང་འཚོ་གནས་ཐུབ་པའི་རང་དབང་གི་བོད་རྒྱལ་ཁབ་ཅིག་འཛུགས་བསྐྲུན་བྱེད་རྒྱུའི་དམ་བཅའ་བརྟན་པོ་འཇོག་རྒྱུ་ཡིན།

དམ་བཅའ་ཞོག
img1

"ད་ལྟ་མི་རབས་གསར་བའི་འགོ་ཁྲིད་རྣམས་ཀྱིས་འཐབ་རྩོད་ཀྱི་སྒྲོན་མེ་མུ་མཐུད་འཁྱེར་བཞིན་པའི་སྐབས་འདིར་མི་མང་པོས་མ་འོངས་བོད་ཀྱི་འཐབ་རྩོད་དེ་ཇི་འདྲ་ཞིག་ཏུ་འགྱུར་རམ་ཞེས་དྲི་བ་འདོན་སྲིད་མོད། ང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཁས་ལེན་དམ་བཅའ་ཕུལ་ཐུབ་པ་ཞིག་ནི། ཁོང་གི་འཚེ་མེད་ཞི་བའི་གཟི་བརྗིད་དེ་ང་ཚོས་མུ་མཐུད་དུ་ཉར་རྒྱུའི་ཆོད་སེམས་བརྟན་པོ་ཡོད་། དམ་བཅའ་འདི་བརྒྱུད་ནས། ང་ཚོས་༧གོང་ས་མཆོག་གིས་སྐུ་ཚེ་གང་བོར་ང་ཚོར་བསྟན་གནང་བའི་གཞི་རྩའི་བསླབ་བྱ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་ཡོན་ཏན་རྣམས་གཞི་རྩར་བཞག་ནས། བོད་མི་མང་པོའི་སེམས་ཁོངས་སུ་འགྱུར་བ་མེད་ཅིང་འགུལ་མི་ཚུགས་པའི་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་ཡོད་པ་སྟོན་འདོད། བོད་ལ་རྒྱ་ནག་གི་བཙན་གནོན་འོག་ནས་རང་དབང་འཐོབ་པ་དང་མ་འོངས་པར་དམངས་གཙོའི་བོད་ཞིག་འཛུགས་བསྐྲུན་བྱེད་ཆེད། ང་ཚོས་ནུས་ཤུགས་ལྡན་ཞིང་གསར་གཏོད་རང་བཞིན་ཅན་གྱི་ཞི་བའི་ཐབས་ལམ་གྱི་ནུས་སྟོབས་ལ་ཡིད་ཆེས་ཞུ་བཞིན་ཡོད།"

ཁྱབ་བསྒྲགས་བྱེད་རོགས།

img1

Contact: info@nonviolencepledge.org

Privacy Policy
The NonviolencePledge.org team is committed to preserving your privacy and safeguarding your information online and that's why nonviolencepledge.org is SSL enabled. NonviolencePlege.org does not sell or trade names or other personal data that we collect on this website. If you fill in the pledge form, we may send you occasional updates by e-mail. Any bulk mailings we send will be clearly identified as being from NonviolencePledge.org and will always include an option to unsubscribe and contact us.