ལོ་རྒྱུས་རང་བཞིན་གྱི་དུས་ཚོད་གནད་འགག་ཅན་འདིར། ༧སྐྱབས་མགོན་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཕེབས་ཀྱི་ཡོད་ཅིང་། མི་མང་པོ་ཞིག་གིས་མ་འོངས་པའི་བོད་ཀྱི་འཐབ་རྩོད་ལ་སེམས་འཚབ་དང་དྲག་པོའི་ངོ་རྒོལ་ཡོང་སྲིད་པའི་ཚོད་དཔག་སོགས་བྱེད་ཀྱི་ཡོད་མོད། ང་ཚོས་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་༧སྐྱབས་མགོན་རིན་པོ་ཆེ་ཡིས་སྐུ་ཚེ་གང་བོར་གཞི་བཏིང་བའི་རླབས་ཆེ་བའི་ལམ་ཁ་དེར་མུ་མཐུད་དུ་བསྐྱོད་པའི་ཆོད་སེམས་བརྟན་པོ་ཡོད་པ་དེ་གསལ་བོར་བཟོ་བ་རྒྱུ་དང་། དམ་བཅའ་འདི་བརྒྱུད་ནས། མི་སྒེར་རྣམས་ཀྱིས་དྲག་པོ་སྤོང་བ་གཅིག་པོའི་དམ་བཅའ་མ་ཡིན་པར། འཚེ་མེད་ཞི་བའི་ཐབས་ལམ་ཉམས་སུ་བླངས་ནས་བོད་ལ་གཞན་གྱི་བཙན་གནོན་འོག་ནས་རང་དབང་འཐོབ་པར་བྱེད་རྒྱུ་དེ་རེད། དམ་བཅའ་ལེན་མཁན་རྣམས་ཀྱིས་ནུས་ཤུགས་ཅན་དང་གསར་གཏོད་ཅན། རྒྱབ་སྐྱོར་ཡོད་པའི་ཞི་བའི་འཐབ་རྩོད་ཁག་ཡར་རྒྱས་དང་མདུན་ལ་བསྐྱོད་རྒྱུའི་ཆོད་སེམས་འཇོག དེ་ཡང་། ཞི་བ་ཡིན་པ་ཙམ་གྱིས་མི་འགྲིག་པར། ང་ཚོས་ཞི་བའི་འཐབ་རྩོད་དེ་གསར་གཏོད་རང་བཞིན་དང་ཐབས་ཇུས་རང་བཞིན། སྟངས་འཛིན་གྱི་རང་བཞིན་ཡོད་པ་བཅས་བྱེད་དགོས་གལ་ཆེ། འདིའི་སྐོར་ལ་ད་དུང་མཁྱེན་འདོད་དང་ས་གནས་མི་དམངས་དང་མཉམ་ཞུགས་བྱེད་འདོད་ཚེ། དྲྭ་ཐག་འདི་ལ་བསྣུན།
རྒྱལ་སྤྱིའི་ཆབ་སྲིད་ཀྱི་ངོས་ཐད་ནས་བལྟས་ན། བོད་མི་རྣམས་ལ་རྒྱ་ནག་གི་དྲག་གནོན་ལ་ཁ་གཏད་དང་རང་ཉིད་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་རེད་། འོན་ཀྱང་བོད་མི་རྣམས་ལ་དྲག་པོ་བེད་སྤྱོད་གཏོང་བའི་ཐོབ་ཐང་ཡོད་མེད་དང་དེ་འགྲིག་མིན་གླེང་གི་མེད། གང་ལྟར། བོད་མི་མང་ཆེ་བས་ཀུན་སྤྱོད་དང་ལག་ལེན་གྱི་རྒྱུ་མཚན་གཉིས་གཙོ་བོར་བཞག་ནས་དྲག་པོ་སྤངས་ཡོད་ལ། བཙོན་ལ་ཚུད་པའི་བོད་ཀྱི་རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་སྟེ། རྒྱ་ནག་གཞུང་གི་གཉའ་གནོན་ལ་རྩོམ་བྲིས་ལམ་ནས་ངོ་རྒོལ་བྱེད་མཁན་ཁོང་གིས་འདི་ལྟར་གསལ་བོ་གསུངས་ཡོད། “ང་ཚོས་དྲག་པོའི་ལས་འགུལ་སྤེལ་མ་ཐུབ་པའམ་ཡང་ན་དེ་སྤེལ་བའི་ནུས་བ་མེད་པ་མིན། བོད་མི་མང་པོས་བོད་དོན་ཆེད་རང་སྲོག་བློས་གཏོང་བྱས་ཡོད་། དེར་བརྟེན། ང་ཚོ་དྲག་པོའི་ལམ་ལ་འཇུག་པའི་བློ་སྤོབས་དང་ཐབས་ཤེས་མེད་པ་མིན། ཡིན་ན་ཡང་། ༧སྐྱབས་མགོན་རིན་པོ་ཆེའི་དབུ་འཁྲིད་ཀྱི་འོག་ཏུ། ང་ཚོས་ཞི་བའི་ལམ་ནས་རང་གི་དྲང་བདེན་ལ་འཐབ་རྩོད་བྱེད་ཀྱི་ཡོད། (ང་ཚོས་ནམ་ཡང་འཛམ་གླིང་གི་ཡུལ་ལུང་གཞན་ལ་འབྱུང་བཞིན་པའི་འཇིགས་སྐུལ་བའི་ལས་ཀ་བྱེད་མི་སྲིད། ང་ཚོར་དམར་གསོད་བཏང་ཟིན་པའི་བོད་མི་ཁྲི་ཕྲག་བརྒལ་བ་ཚོར་དགྲ་ཤ་ལེན་དགོས་བསམ་པ་དེ་ཡང་མེད།)”
http://burningtibet.blogspot.com/2010/09/i-will-not-close-my-eyes-even-in-death.html
བོད་དོན་འཐབ་རྩོད་དེ་འཛམ་གླིང་གི་ཡུལ་གྲུ་ཀུན་ནས་རྩོད་དགོས་པ་ཞིག་རེད། བོད་ནང་འཐབ་རྩོད་ལ་བཀག་རྒྱ་དང་སྟངས་འཛིན་ཡོད་པའི་སྐབས་སུ། བཙན་བྱོལ་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་གཞུང་གིས་བོད་ཐོག་ལ་བཟུང་བའི་ཁྱོག་བཤད་དྲིལ་བསྒྲགས་ཁག་ལ་ཁ་གཏད་གཅོག་པའི་འོས་འགན་ཆེན་པོ་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་བསྐྲུན་རྒྱུའི་ལས་འགན་ཡང་ཡོད་པ་རེད། དེ་བཞིན། བཙན་བྱོལ་ནང་གི་བོད་མི་ཚོས་བོད་ནང་གི་བོད་མི་རྣམས་ནི་སེམས་ཤུགས་དང་ཁ་ཕྱོགས་ལྟ་བུར་མཐོང་གི་ཡོད་ལ། བོད་ནང་གི་བོད་མི་རྣམས་ཀྱིས་ཀྱང་བཙན་བྱོལ་ནང་གི་བོད་མི་རྣམས་ནི་གནས་ཚུལ་དང་འཆར་གཞི། སེམས་ཤུགས་བཅས་ལྟ་བུར་མཐོང་གི་ཡོད། ང་ཚོ་ནི་འཐབ་རྩོད་གཅིག་གི་ཕྱོགས་གཉིས་དེ་ཡིན་ཞིང་མུ་མཐུད་ནས་ཕན་ཚུན་ལ་བརྡ་ལེན་སྤྲོད་ཀྱི་ཡོད། ང་ཚོས་བོད་ནང་གི་བོད་མི་རྣམས་ཀྱི་ས་ནས་ཞི་བའི་ལམ་ལ་མུ་མཐུད་དུ་བསྐྱོད་དགོས་བའི་ཤེས་རྟོགས་གསལ་པོ་བྱུང་པ་བཞིན། ང་ཚོས་ཁོང་ཚོའི་འབོད་སྒྲ་དེ་ཤུགས་ཆེ་རུ་དང་རྒྱ་ཆེ་རུ་གཏོང་ཐུབ།
རེད། བོད་ཀྱི་འཐབ་རྩོད་དེ་ཞི་བའི་འཐབ་རྩོད་ཞིག་རེད། ཡིན་ན་ཡང་། འཚེ་བ་མེད་པར་བྱེད་པ་ཞེས་པ་དེ་དང་ཐབས་ཇུས་ལྡན་པ་དང་དམིགས་འདུན་ཡོད་པའི་ངང་ཞི་བའི་འཐབ་རྩོད་ཀྱི་ཆོད་སེམས་འཛིན་པ་གཉིས་མི་འདྲ་བ་རེད། ང་ཚོས་བོད་ནང་གི་བོད་མི་རྣམས་ཀྱི་རྗེས་སུ་འབྲངས་བཞིན་ཡོད་ལ། ཉེ་བའི་ལོ་འདི་དག་གི་རིང་ལ་ཁོང་ཚོས་ཞི་བའི་ཐབས་ལམ་གཞི་རྒྱ་ཆེ་བའི་སྒོ་ནས་ལག་ལེན་བྱེད་བཞིན་པ་མ་ཟད་། དྲག་པོའི་བྱེད་ལས་སྤོང་བའི་མཚོན་རྟགས་སུ་རང་གི་གོ་མཚོན་ཁག་ཀྱང་དགོན་སྡེ་ཁག་ལ་ཕུལ་བ་དང་མེར་སྲེག་པ་སོགས་བྱས་ཡོད། འདི་ནི་ཁོང་ཚོས་ཞི་བའི་འཐབ་རྩོད་ལ་ཆོད་སེམས་བརྟན་པོ་དང་༧སྐྱབས་མགོན་རིན་པོ་ཆེའི་དབུ་འཁྲིད་ལ་བརྩི་བཀུར་དང་དད་སེམས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད།
སྤྱིར་བཏང་ནས་དྲག་པོའི་བྱ་སྤྱོད་ཁག་ལ་མི་དམངས་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་མོད། དྲག་པོ་དེ་ནུས་ཤུགས་ཆེ་བ་རེད་བསམ་ན་ནོར་བ་རེད། Erica Chenoweth དང་Maria Stephan གཉིས་ཀྱིས་བརྩམས་པའི་ཞི་བའི་འཐབ་རྩོད་སྐོར་གྱི་དཔེ་དེབ་གྲགས་ཅན “ཅིའི་ཕྱིར་མི་དམངས་འགོག་རྒོལ་གྱིས་གྲུབ་འབྲས་ལོན་ནམ།” ཟེར་བ་དེས། ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ་གལ་ཆེ་ཁག་ཅིག་ངོ་སྤྲོད་གནང་ཡོད་པ་མ་ཟད། ལྷག་པར་དུ། འདས་པའི་ལོ་ངོ་བརྒྱ་ལྷག་གི་རིང་ལ་ཞི་བའི་ལས་འགུལ་རིགས་འཚེ་བའི་ལས་འགུལ་ལས་ལྡབ་གཉིས་ཀྱིས་རྒྱལ་ཁ་མང་བ་འཐོབ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད། Erica Chenoweth དང་Maria Stephan གཉིས་ཀྱི་རྙེད་དོན་ཁག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་སྨྲ་བ་ Dr. Gene Sharp ལགས་ཀྱིས་བྱ་བཞག་ཁག་ལ་ཡང་ནུས་པ་དང་རྒྱབ་སྐྱོར་སྟོན་ཡོད། Dr. Gene Sharp ལགས་ཀྱིས་ཞི་བའི་འགོག་རྒོལ་གྱི་ཐབས་ལམ་མང་པོ་བཏོན་ཡོད་པ་མ་ཟད་། ཁོང་གིས་ལྟ་གྲུབ་ཁག་འཛམ་གླིང་ཡུལ་གྲུ་མང་པོར་རྒྱ་ཁྱབ་ཏུ་བེད་སྤྱོད་བཏང་ནས་སྲིད་དབང་སྒེར་འཛིན་རིང་ལུགས་མགོ་རྟིང་བསློགས་པ་དང་རང་དབང་མངོན་འགྱུར་བྱུང་ཡོད། ཡིན་ན་ཡང་། ད་ལྟ་བར་བོད་ནང་དུ་གྲུབ་འབྲས་དང་རྒྱལ་ཁ་ཆེན་པོ་ཐོབ་པའི་འཚེ་མེད་ཞི་བའི་ལས་འགུལ་ཧ་ཅང་གཞི་རྒྱ་ཆེ་བ་དེ་འདྲ་བྱུང་ཐུབ་མེད།
ལས་འགུལ་འདི་ཡིས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱས་བའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་བོད་ཀྱི་ལོ་རྒྱུས་དེ་དག་ངོས་ལེན་མེད་པའམ་སྣང་མེད་ལྟ་བུར་རྩ་བ་ནས་བརྩི་ཡི་མེད། ཆུ་བཞི་སྒང་དྲུག་གི་དཔའ་པོ་ཚོ་དང་གློ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་དཔའ་སྤོབས་ལྡན་པའི་སྒོ་ནས་ངོ་རྒོལ་བྱས་ཡོད་པ་མ་ཟད་བོད་དོན་འཐབ་རྩོད་ལ་ཡང་བླ་ན་མེད་པའི་ལེགས་སྐྱེས་ཕུལ་ཡོད་པ་ནི་ལོ་རྒྱུས་ཀྱི་རང་བཞིན་ཞིག་རེད། ང་ཚོས་ཁོང་ཚོའི་བྱས་རྗེས་ལ་གུས་བརྩི་ཞུ་བ་མ་ཟད་ཁོང་ཚོའི་འཐབ་རྩོད་ནི་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད། གལ་སྲིད་ཁོང་ཚོས་དེ་ལྟ་བུའི་འཐབ་རྩོད་བྱས་མེད་ཚེ། གཅིག་བྱས་ན་ད་ལྟ འི་འཆར་བོད་དོན་འཐབ་རྩོད་ཀྱི་གནས་བབས་དེ་འདི་འདྲ་ཞིག་ཆགས་ཡང་མེད་སྲིད།
Contact: info@nonviolencepledge.org
Privacy Policy
The NonviolencePledge.org team is committed to preserving your privacy and safeguarding your information online and that's why nonviolencepledge.org is SSL enabled. NonviolencePlege.org does not sell or trade names or other personal data that we collect on this website. If you fill in the pledge form, we may send you occasional updates by e-mail. Any bulk mailings we send will be clearly identified as being from NonviolencePledge.org and will always include an option to unsubscribe and contact us.
