༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀྲ་ཤིས་པའི་དུས་བཟང་གི་ཉིན་མོ་འདིར། འཚེ་མེད་ཞི་བའི་དམ་བཅའ་འདི་ཁོང་ལ་ལེགས་སྐྱེས་སུ་ཕུལ་རྒྱུ་ནི་ང་ཚོའི་སྔོན་བསགས་བསོད་ནམས་རེད། ང་ཚོས་འཛམ་གླིང་ཞི་བདེའི་དེད་དཔོན་དང་བོད་མིའི་སྐྱབས་གནས་དམ་པ་༧གོང་ས་མཆོག་ལ་སེམས་གཏིང་གི་བརྩི་བཀུར་མངོན་ཆེད་རང་ཉིད་ཀྱིས་དམ་བཅའ་ལེན་པ་མ་ཟད་གཞན་རྣམས་ལ་ཡང་སྐུལ་མ་ཞུ་ཡི་ཡིན། ང་ཚོའི་རེ་བར་དང་བླངས་ཀྱི་ལས་དོན་འདི། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་བོད་དོན་འཐབ་རྩོད་ཆེད་སེམས་ཤུགས་ཀྱི་འབྱུང་ཁུངས་ནི་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེའི་མཛད་འཕྲིན་སྙིང་གཏམ་ཞིག་ཡིན་ལ་དེ་ནི་ང་ཚོའི་བོད་ཀྱི་རྩ་དོན་ཆེད་དམ་བཅའ་ཞིག་ཀྱང་ཡིན།
ལོ་ངོ་ལྔ་བཅུ་ལྷག་ཙམ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་ལ་དམ་བཅའ་བརྟན་པོར་ཉར་གནང་ནས། འཚེ་བ་སྤངས་ཏེ་བོད་དོན་འཐབ་རྩོད་དེ་ཞི་བའི་བགྲོད་ལམ་སྟེང་འཁྲིད་གནང་བ་མ་ཟད། ལྷག་པར་དུ་སེམས་དཔའ་ཆེན་པོ་གྷན་ངྷི་དང་མར་ཊིན་ལུ་རྡར་ཀིང་ནང་བཞིན། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྐུ་ངལ་འཛེམས་མེད་ཐོག་འཚེ་མེད་ཞི་བའི་ཐབས་ལམ་གོང་སྤེལ་བཏང་ནས་དཀའ་རྙོག་སེལ་བ་དང་། འཛམ་གླིང་མི་དམངས་ལ་སེམས་ཤུགས་དང་སྤོབས་པ་སྦྱིན་ནས་ལམ་ཁ་གསར་བ་ཞིག་བསྟན་དང་སྟོན་མུས་རེད།
༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེའི་མཛད་འཕྲིན་གྱི་མིག་དཔེ་རྣམས་གཞིར་བཞག་ཐོག ང་ཚོས་སེམས་དཔའ་ ཆེན་པོ་གྷན་ངྷི་དང་མར་ཊིན་ལུ་ཐ་ཀིང་སོགས་ཀྱིས་སྣེ་འཁྲིད་པའི་འཚེ་མེད་ཞི་བའི་འགོག་རྒོལ་གྱི་ལས་འགུལ་ཁག་ལ་སློབ་སྦྱོང་བྱས་མྱོང་། བོད་ཀྱི་གནས་སྟངས་དང་ཕྱོགས་ཡོངས་ནས་གཅིག་མཚུངས་ཤིག་མེད་ན་ཡང་། གཞི་རྩའི་ཞི་བའི་འཐབ་རྩོད་ཀྱི་ཐབས་ལམ་ཁག་ནི་བཙན་གནོན་དང་འགོག་རྒོལ་ཚང་མར་ཤུགས་རྐྱེན་ཐེབས་པ་ལ་བེད་སྤྱོད་གཏོང་ཆོག་པ་ཞིག་ཡིན་པ་ནི་གསལ་བོ་རེད། དེར་བརྟེན། ང་ཚོས་བོད་རིགས་གཞོན་ནུ་སྟོང་ཕྲག་མང་པོ་དང་བོད་དོན་རྒྱབ་སྐྱོར་བ་མང་པོར་ཞི་བའི་འཐབ་རྩོད་སྐོར་གྱི་ཟབ་སྦྱོང་སྤྲད་མུས་ཡིན།
བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་འདིར། མི་རབས་གསར་བའི་འགོ་འཁྲིད་རྣམས་ཡོང་གི་ཡོད་ཅིང་ཁོང་ཚོས་འཐབ་རྩོད་ཀྱི་སྒྲོན་མེ་མུ་མཐུད་འཁྱེར་གི་རེད་། སྐབས་འདིར་མི་རྣམས་ཀྱིས་མ་འོངས་བའི་བོད་ཀྱི་འཐབ་རྩོད་དེ་ཇི་འདྲ་ཞིག་ཏུ་འགྱུར་རམ་ཞེས་དྲི་བའདོན་སྲིད་མོད་། ང་ཚོས་༧སྐྱབས་མགོན་རིན་པོ་ཆེ་ལ་ཁས་ལེན་དམ་བཅའ་ཞུ་ཐུབ་པ་ཞིག་ནི། ཁོང་གི་འཚེ་མེད་ཞི་བའི་གཟི་བརྗིད་དེ་ང་ཚོས་མུ་མཐུད་དུ་ཉར་རྒྱུའི་ཆོད་སེམས་བརྟན་པོ་ཡོད་། དམ་བཅའ་འདི་བརྒྱུད་ནས། ང་ཚོས་༧སྐྱབས་མགོན་རིན་པོ་ཆེ་ཡིས་སྐུ་ཚེ་གང་བོར་ང་ཚོར་བསྟན་པའི་ནང་པའི་གཞི་རྩའི་བསླབ་བྱ་ཁག་དང་འཇིག་རྟེན་ཀུན་ཁྱབ་ཀྱི་ཡོན་ཏན་ཁག་གཞི་རྩར་བཞག་ནས། བོད་མི་མང་པོའི་སེམས་ཁོངས་སུ་འགྱུར་བ་མེད་ཅིང་འགུལ་མི་ཚུགས་པའི་འཚེ་མེད་ཞི་བའི་ཡིད་ཆེས་དེ་ཡོད་པ་སྟོན་འདོད་། བོད་ལ་རྒྱ་ནག་གི་བཙན་གནོན་འོག་རང་དབང་འཐོབ་པ་དང་རང་དབང་ཅན་གྱི་མ་འོངས་པའི་མང་གཙོའི་བོད་ཞིག་འཛུགས་བསྐྲུན་བྱེད་ཆེད། ང་ཚོས་ནུས་ཤུགས་ལྡན་ཞིང་གསར་གཏོད་རང་བཞིན་ཅན་གྱི་ཞི་བའི་འགོག་རྒོལ་གྱི་སྟོབས་ཤུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད།
མཐའ་དོན། ༧སྐྱབས་མགོན་རིན་པོ་ཆེའི་རླབས་ཆེན་གྱི་སྐུ་ཚེ་དང་ཁོང་གི་མཛད་རྗེས་དང་། ལྷག་པར་དུ་། ཁོང་གིས་བོད་དོན་གཅིག་པོ་མ་ཡིན་པར། འགྲོ་མ་མིའི་རིགས་ཀྱི་ཆེད་དུ་གནང་བཞིན་པའི་མཛད་འཕྲིན་མཐའ་དག་ལ་ལག་གཉིས་སྙིང་ཁར་བཞག་ནས་ཐུགས་རྗེ་ཆེ་ཞུ།
བཀྲས་མཐོང་ལྷ་སྒྲོན། བསྟན་འཛིན་བརྩོན་འགྲུས། ཧྤུ་རེ་ཡ་ཕུའུ་ཁྲི།(Freya Putt) བསྟན་འཛིན་སྒྲོལ་དཀར་ཁ་ནག་ཚང་ཆང་མ། རྡོ་རྗེ་ཚེ་བརྟན།ནེ་ཐན་ཧྥུ་རེ་ཁྲ་སུ།(Nathan Freitas) རིག་འབྱུང་དོན་གྲུབ་བཀྲ་ཤིས། བསྟན་འཛིན་ཆོས་སྒྲོན་སྐྱིད་ཀ་ཚང་། བློ་བཟང་རྒྱ་མཚོ་སྲིད་ཐར། བསྟན་འཛིན་ཚེ་ལྷ། བློ་བཟང་ཚེ་བརྟན། བསྟན་འཛིན་ཚེ་བརྟན། བསྟན་འཛིན་རིག་གྲོལ། ཁེ་ཁྲི་བོ་རྫི་ནོ།(Kate Woznow) བུ་ཆུང་ལྡུམ་ར་བསོད་ནམས། བསྟན་འཛིན་རྡོ་རྗེ། དམ་བཅའ་འཇོག་མཁན་ཁག
className="font-semibold">བཀྲས་མཐོང་ལྷ་སྒྲོན་ལགས་ ནི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ཡིན། ཁོ་མོར་ “James Lawson Award” ཟེར་བའི་ཞི་བའི་འཐབ་རྩོད་ཀྱི་བྱ་དགའ་གྲགས་ཅན་དེ་ཐོབ། ཁོ་མོ་ཁ་ཎ་སྒྲར་སྐྱེས་ཤིང་ “King’s College” གཙུག་ལག་སློབ་ཆེན་ནས་མཐར་ཕྱིན།
བསྟན་འཛིན་བརྩོན་འགྲུས་ནི་རྒྱ་གར་རྡ་ལམ་ས་ལར་བཞུགས་པའི་རྩོམ་པ་པོ་དང་འཐབ་རྩོད་པ་ཞིག་ཡིན། ཁོང་བོད་ཁྱིམ་དང་ “Madras Christian College” “Bombay University” བཅས་ནས་མཐར་ཕྱིན།
ཧྤུ་རེ་ཡ་ཕུའུ་ཁྲི།(Freya Putt)་ལགས་ནི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་ཡིན། ཁོ་མོར་བོད་དོན་ལས་འགུལ་ལོ་ངོ་བཅོ་ལྔ་ལྷག་གི་ཉམས་མྱོང་ཡོད། ཁོ་མོ་ཀོ་ལིམ་ཕིག་གཙུག་ལག་སློབ་ཆེན་གྱི་ “School of International and Public Affairs” ནས་ཞིབ་འཇུག་སློབ་མཐར་ཕྱིན།
བསྟན་འཛིན་སྒྲོལ་དཀར་ཁ་ནག་ཚང་ཆང་མ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཡིན། རྒྱ་གར་དུ་སྐུ་འཁྲུངས། “Mount Holyoke College” སློབ་ཆེན་ནས་མཐར་ཕྱིན། “National Endowment for Democracy’s “30 Under 30 campaign” ཟེར་བའི་འགོ་འཁྲིད་ལས་གཞིའི་ཁོངས་སུ་ཚུད།
རྡོ་རྗེ་ཚེ་བརྟན་ནི་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཡིན། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཟུར་བ་ཡང་ཡིན། ཁོང་རྒྱ་གར་དུ་སྐུ་འཁྲུངས། “MS University” གཙུག་ལག་སློབ་ཆེན་ནས་མཐར་ཕྱིན།
ནེ་ཐན་ཧྥུ་རེ་ཁྲ་སུ།(Nathan Freitas) བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་རིག་འགན་འཛིན་ཡིན། ཁོང་ནི་ལག་འཁྱེར་ཁ་པར་གྱི་ཆེད་ལས་མཁས་པ་ཞིག་ཀྱང་ཡིན། “Guardian Project” ཡི་ལས་བྱེད་གཙོ་གྲས་དང་ “Harvard’s Berkman Center” ཡི་ཞིབ་འཇུག་པ་ཡང་ཡིན།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ནི་སྐར་ཁུང་དྲ་བ་དང་བོད་ཀྱི་དྲ་སྣང་དུས་དེབ་གཉིས་ཀྱི་རྩོམ་སྒྲིག་པ་ཡིན། ཁོང་བོད་དུ་སྐྱེས། བོད་ཁྱིམ་དང་ནོར་ལྦེའི་རྒྱལ་སྤྱིའི་མཉམ་སྦྲེལ་སློབ་གླིང་། ཨ་རིའི་མེ་ཐོ་རྡེས་སི་གཙུག་ལག་སློབ་ཁང་བཅས་ནས་མཐར་ཕྱིན། “Duke Press” ནས་དཔར་བསྐྲུན་བྱེད་ལ་ཉེ་བའི་ “བོད་ཀྱི་ཀློག་པ་པོ་” ཟེར་བའི་དེབ་དེའི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡིན།
བསྟན་འཛིན་ཆོས་སྒྲོན་སྐྱིད་ཀ་ཚང་ནི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་འཆར་འབྲེལ་མཐུད་པ་ཡིན། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཟུར་བ་ཡང་ཡིན། བོད་ཁྱིམ་དང་ “Delhi University” གཙུག་ལག་སློབ་ཁང་གཉིས་ནས་མཐར་ཕྱིན།
བློ་བཟང་རྒྱ་མཚོ་སྲིད་ཐར་ལགས་ནི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་རིག་ཉེན་སྲུང་ལས་གཞིའི་དོ་དམ་པ་ཡིན། ཁོང་ནི་སྐྱབས་བཅོལ་བོད་མིའི་ཁྲོད་ཀྱི་འཕྲུལ་རིག་ཉེན་སྲུང་ཆེད་མཁས་བ་ཞིག་ཀྱང་ཡིན། ཁོང་ནི་ Cyber Stewards Network (CSN) ཟེར་བའི་ཚོགས་མི་ཡང་ཡིན།
བསྟན་འཛིན་ཚེ་ལྷ་ནི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཡིན། ཁོང་ལ་དྭགས་སུ་སྐུ་འཁྲུངས། ཁོང་ “Pune University” གཙུག་ལག་སློབ་ཆེན་ནས་ཞིབ་འཇུག་སློབ་མཐར་ཕྱིན།
བློ་བཟང་ཚེ་བརྟན་ནི་ “International Tibet Network” ཡི་ཨེ་ཤ་ཡའི་འབྲེལ་མཐུད་པ་ཡིན། ཁོང་བལ་ཡུལ་དུ་སྐུ་འཁྲུངས། “St. Joseph’s College” གཙུག་ལག་སློབ་ཁང་ནས་ཞིབ་འཇུག་མཐར་ཕྱིན།
བསྟན་འཛིན་ཚེ་བརྟན་ནི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན། ཁོང་ལྷོ་ཁོ་རི་ཡའི་ “Korean Academy of Film Arts” གཙུག་ལག་སློབ་ཆེན་ནས་མཐར་ཕྱིན། “Asian American International Film Festival” ནས་ཁོང་ལ “Emerging Director” ཟེར་བའི་གཟེངས་རྟགས་སྤྲད། ཁོང་གིས་ “ཕ་ས་བུ་ཐུག་” ཟེར་བའི་གློག་བརྙན་ཞིག་ཕབ།
བསྟན་འཛིན་རིག་གྲོལ་ནི་བོད་ཀྱི་མིང་དུ་གྲགས་པའི་དེང་རབས་སྒྱུ་རྩལ་བ་ཞིག་ཡིན། ཁོང་གི་ལས་ཀ་དག་ནི་ཚོན་བྲིས་དང་འཇིམ་བཟོ། རི་མོ། གོས་ཆེན་གྱི་ཐང་ཀ་སྦྱར་བ། བརྙན་ཕབ། ས་གནས་ངེས་ཅན་ཏུ་སྒྱུ་རྩལ་གྱི་སྟེགས་བུ་བསྐྲུན་པ་བཅས་ལག་ཤེས་སྣ་མང་གི་ཁོངས་སུ་ཚུད་ཡོད་། སྤྱི་ལོ་༢༠༡༡ལོར་ཁོང་གིས་ “ང་ཚོའི་ས་ཆ། ང་ཚོའི་མི་མང་” ཟེར་བའི་ས་ཡི་སྒྱུ་རྩལ་གྱི་སྟེགས་བུ་ཞིག་རྒྱ་གར་རྡ་ལམ་ས་ལར་བསྐྲུན།
ཁེ་ཁྲི་བོ་རྫི་ནོ།(Kate Woznow) བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཡིན། བོད་རང་བཙན་སློབ་པྲུག་ཚོགས་པའི་འགན་འཛིན་གཞོན་པ་ཟུར་བ་ཡང་ཡིན། University of British གཙུག་ལས་སློབ་ཆེན་ནས་མཐར་ཕྱིན། བོད་དོན་ལས་འགུལ་ཀྱི་ཐབས་ཇུས་ལས་གཞིའི་ཐད་ལ་ལོ་ངོ་ཉི་ཤུ་ལྷག་གི་ཉམས་མྱོང་ལྡན།
བུ་ཆུང་ལྡུམ་ར་བསོད་ནམས་ནི་རྩོམ་པ་པོ་དང་སྙན་ངག་པ་ཞིག་ཡིན། བོད་ལ་སྐུ་འཁྲུངས། བོད་ཁྱིམ་དང་St. Xavier College, University of Baroda, Emerson College བཅས་ནས་མཐར་ཕྱིན། ད་ལྟ་རྡ་ལམ་ས་ལར་བཞུགས།
བསྟན་རྡོར་ནི་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཟུར་བ་ཡིན། ཁོང་བོད་ཁྱིམ་དང་ Brown University, Columbia University བཅས་ནས་སློབ་མཐར་ཕྱིན།
Contact: info@nonviolencepledge.org
Privacy Policy
The NonviolencePledge.org team is committed to preserving your privacy and safeguarding your information online and that's why nonviolencepledge.org is SSL enabled. NonviolencePlege.org does not sell or trade names or other personal data that we collect on this website. If you fill in the pledge form, we may send you occasional updates by e-mail. Any bulk mailings we send will be clearly identified as being from NonviolencePledge.org and will always include an option to unsubscribe and contact us.
